༈ ༢༠༡༨ ལོའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་གྱི་གསལ་བསྒྲགས།

ཆེད་ཞུ། ཀུན་གྱིས་དགོངས་མངའ་བཞིན་ཕྱི་ལོ་༢༠༡༢ ལོར་དྷ་སར་བོད་རང་བཙན་ཚོགས་འདུ་ཞིག་སྐོང་འཚོགས་བྱས་པ་དང་། དེ་རྗེས་བོད་རང་བཙན་འཐབ་རྩོད་པ་མང་པོ་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་གྲོས་བསྡུར་རིམ་པ་བྱས་མཐར། རྒྱལ་སྤྱི་རང་བཞིན་གྱི་བོད་རང་བཙན་ཚོགས་ཆེན་ཞིག་འཚོགས་རྒྱུ་ཁ་ཚ་དགོས་གཏུག་ཏུ་མཐོང་བས། དྷ་སར་གནས་སྡོད་ཁག་ཅིག་གིས་གཙོ་འགན་ཁུར་ཏེ། ༢༠༡༥ ལོའི་ཕྱི་ཟླ་༥ ཚེས་༢༣ ནས་ཚེས་༢༤ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་དེ་འཚོགས་ཡོད།

བོད་རང་བཙན་སྐོར་གྱི་རྩོམ་བསྡུའི་གསལ་བརྡ།

༄༅། ། མཁྱེན་དཔྱོད་ཡངས་པའི་སྨྱུག་ཐོགས་པ་ཡོངས་ཀྱི་སྙན་ལམ་དུ་ཞུ་རྒྱུར།  ཕྱི་ལོ་༢༠༡༨  ཟླ་༥ ཚེས་༢༣ ནས་ཉིན་གསུམ་རིང་རྒྱལ་སྤྱིའི་བོད་རང་བཙན་གྱི་ཚོགས་ཆེན་ཞིག་རྒྱ་གར་དྷ་རམ་སཱ་ལར་འཚོགས་འཆར་ལགས་ན།  སྐབས་དེ་དང་བསྟུན་ནས་རྩོམ་ལུས་སྣ་ཚོགས་ལས་གྲུབ་པའི་བོད་རང་བཙན་སྐོར་གྱི་ཆེད་དེབ་ཅིག་འདོན་འཆར་ཡོད་ལ།